སྨྱུག་ཁ་ནས
    རྒྱང་རིང་དང་སྙན་ངག་ནི་བུ་མོ་དང་དྲན་གདུང་དུ་འཛིན་ལ
    རི་བོ་མཐོ་ས་ནས་བལྟས་ན
    ཁྱེད་ཀྱི་ཕ་ཡུལ་ནི་རྒྱང་རིང་རྒྱང་རིང་ཞིག་སྟེ

    མིག་ཐག་གིས་ཚད་ན
    རི་བོ་འདིའི་ཕ་རོལ་གྱི་སྤྲིན་པ་དང་
    སྤྲིན་དཀར་དེའི་གཟེབ་ཀྱི་རི་རྩེ་དག
    ཡང་ན་་་ ་་་ དེ་གའི་འང་་ཕ་རོལ་ཞིག

    སེམས་ཀྱིས་འཚོལ་ན
    གཙང་བོའི་འགྲམ་གྱི་མེ་ཏོག་སེར་ཆེན་ཁྱེད་ཡིན་ལ
    སྤང་ཐང་གི་ལུ་གུ་མེ་ཏོག་འང་ཁྱེད་ཡིན
    ཤོག་དྲིལ་སྟེང་གི་སྙན་ངག་དང་ཚོར་བ་ཁྱེད་ཡིན་ལ
    སྙན་ངག་ནང་གི་འཛུམ་མདངས་དང་མཚར་སྡུག་འང་ཁྱེད་ཁོ་ན་ཡིན

    བུ་མོ་དེའི་་་ ་་་
    མེ་ཏོག་གི་ལང་ཚོ་ཁུར་ནས་ཡོད
    སྙན་ངག་གི་ནང་སྙིང་རུམ་ནས་ཡོད
    བུ་མོ་འདི་་་ ་་་
    སེམས་ཀྱི་སྙི་ས་ན་སྐྱེས་པས་མེ་ཏོག་སེར་ཆེན་དེ